རི་རྩེར་འཛེགས་མཁན་རུ་ཁག་གི་མིང་ཐོ་ཆ་ཚང་ནི་འདི་ལྟར་ཏེ། ཚེ་བློ། ཡོན་ཞ་ཏུང་། ལི་ཧྥུའུ་ཆིང་། ཁྲེན་ཀང་། ཝང་ཝེ། བསམ་བསྟན་ཚེ་དབང་། ཕུར་བུ་དོན་གྲུབ། ཚེ་རིང་རྡོ་རྗེ། ཚེ་རིང་ཕུན་ཚོགས། དབང་ཆེན་བསོད་ནམས། བློ་བཟང་དོན་གྲུབ། ཚེ་རིང་ནོར་བུ(མིང་ཐོ་སྒྲིག་སྟངས་ལ་ཁྱད་པར་མེད་)བཅས་ཡིན་ཞིང་། དེའི་ཁྲོད་ཀྱི་ལོ་49ཡིན་པའི་ཁྲེན་ཀང་ནི་ལོ་ན་ཆེ་ཤོས་ཀྱི་རུ་མི་ཡིན་པ་རེད།
2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རུ་ཁག་གིས་དུས་མཉམ་དུ་དཔུང་རོགས་ཚོ་ཆུང་དང་རོགས་སྐྱོར་ཚོ་ཆུང་གི་མིང་ཐོ་གཏན་འཁེལ་བྱས་པ་རེད། དཔུང་རོགས་ཚོ་ཆུང་གི་ཚོགས་གཙོ་ཚེ་རིང་བསམ་གྲུབ་དང་ཚོགས་གཙོ་གཞོན་པ་དབང་རྡོར་དང་། རོགས་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་ཚའེ་ཆིང་ཡིན་ཞིང་། ཚོགས་མི་ཀྲང་ཝེ་ཏུང་དང་། དཀོན་མཆོག་བསམ་གྲུབ། སུང་ཧུང་བཅས་ཡིན་པ་རེད།
ཚད་འཇལ་རི་འཛེགས་རུ་ཁག་གི་རུ་དཔོན་ཚེ་བློ་ཡིས། ཁྲེན་ཀང་དང་། ཝང་ཝེ། བསམ་བསྟན་ཚེ་དབང་བཅས་མི་3ནི་དེ་སྔོན་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་8000ཡན་གྱི་རི་རྩེར་འཛེགས་མྱོང་མེད་ཅིང་། རུ་མི་3པོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་7028ཡི་སྒར་ས་དང་པོ་ནས་ཐོན་རྗེས། རྒྱུན་ལྡན་མིན་པའི་གནས་ཚུལ་གང་རུང་འཕྲད་ཚེ། རོགས་སྐྱོར་རུ་ཁག་གི་རུ་མིས་ཁ་གསབ་བྱས་ནས་རི་རྩེར་འཛེགས་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གལ་ཏེ་གནམ་གཤིས་ཀྱི་ཆ་རྐྱེན་འཛོམས་ན། རི་རྩེར་འཛེགས་མཁན་རུ་མིས་ཚེས་22ཉིན་རི་རྩེར་འཛེགས་རྒྱུ་དང་། རི་རྩེར་མཚོན་རྟགས་བཙུགས་པ་དང་། ས་སྙིང་འཐེན་ཤུགས་དང་། GNSS གནམ་གཤིས། འཁྱགས་རོམ་གྱི་གཏིང་ཚད་སོགས་ཐད་ཀྱི་ཚད་འཇལ་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ཚད་འཇལ་རི་རྩེར་འཛེགས་མཁན་རུ་ཁག་ལ་རུ་མི་35ཡོད་པ་དང་། ཆེད་ལས་རི་འཛེགས་རྩལ་སློབ་དགེ་རྒན་དང་། སྣེ་ཁྲིད་པ། རོགས་ལས་དང་རིས་འབྲིའི་ལས་དོན་པ་བཅས་ལས་གྲུབ་ཡོད། རུ་ཁག་གིས་ཟླ་1པོའི་ཟླ་དཀྱིལ་ལ་པེ་ཅིང་དུ་སྦྱོང་བརྡར་བྱས་པ་དང་། ཟླ་3པའི་ཟླ་མཇུག་ཏུ་ལྷ་སར་གངས་རིར་འཛེགས་པའི་སྦྱོང་བརྡར་བྱས་པ་དང་། ཟླ་4ཚེས་5ཉིན། ཇོ་མོ་གླང་མའི་རི་འཛེགས་སྒར་ས་ཆེ་མོར་བཅའ་སྡོད་བྱས་པ་རེད། ཐེངས་འདིའི་རི་རྩེར་མ་འཛེགས་གོང་། རུ་ཁག་གིས་ཇོ་མོ་གླང་མར་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་བའི་སྦྱོང་བརྡར་བྱས་པ་དང་། མཐོ་ཚད་མཐོ་ཤོས་རྒྱ་མཚོའི་ངོས་ལས་སྨི་7400ཡས་མས་སུ་འཛེགས་ཡོད་པ་རེད། རུ་ཁག་གིས་དེ་སྔོན་ཟླ་5ཚེས་12ཉིན་རི་རྩེར་འཛེགས་རྒྱུ་འཆར་འགོད་བྱས་ཡོད་པ་རེད། ཡིན་ནའང་། གནམ་གཤིས་ཀྱི་རྐྱེན་པས་ཕྱིར་འཐེན་བྱས་ཏེ་ངལ་གསོ་ལེགས་སྒྲིག་བྱེད་དགོས་བྱུང་ཡོད་པ་རེད།
འགན་ཁུར་རྩོམ་སྒྲིག མཁའ་འགྲོ།
བཤེར་ནས་ལག་ཐོགས་ཁ་པར་གྱི་ཁ་ཕྱེ།