当前位置: 首页 / 政务 / 基础信息公开 / 通告公示

2020

06/27

16:50

来源:

拉萨市应对疫情工作领导小组办公室

【字体:

浏览量:

标签

关于区外来拉人员如实填报个人信息的公告

ལྗོངས་ཕྱི་ནས་ལྷ་སར་ཡོང་མཁན་མི་སྒེར་གྱི་ཆ་འཕྲིན་ཇི་མ་ཇི་བཞིན་ཐོ་འགོད་བྱེད་དགོས་པའི་སྐོར་གྱི་གྲོང་ཁྱེར་ལྷ་ས་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས།

ཉེ་ཆར་རྒྱ་ནག་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་ཏུ་ཡུལ་དེ་གར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ན་མཁན་བསྟུད་མར་ཐོན་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ཞིང་ཛ་དྲག་པོ་ཡོད་པ་རེད། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྔར་བས་དོན་འཁྱོལ་ཞིབ་ཚགས་ཡོང་བ་བྱེད་པ་དང་།  འགོག་ཟོན་ལས་དོན་ཐད་ཀྱི་མི་འདང་བའི་སྐྱོན་ཆ་དུས་ཐོག་ཏུ་འགོག་སེལ་བྱེད་པ་བཅས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་ཆེད། ལྗོངས་ཕྱི་ནས་ལྷ་སར་ཡོང་མཁན་མི་སྒེར་གྱི་ཆ་འཕྲིན་ཇི་མ་ཇི་བཞིན་ཐོ་འགོད་བྱེད་དགོས་པའི་སྐོར་གྱི་སྤྱི་བསྒྲགས་གཤམ་གསལ།

1.ཉེ་དུས་ཉིན་14རིང་ཉེན་ཁ་ཆེ་བའི་ཁུལ་དུ་གནས་སྡོད་དང་ཡུལ་སྐོར་ལ་འགྲོ་མྱོང་མཁན་རྒྱ་ནག་ནས་ལྷ་སར་ཡོང་ཚེ།  མི་སྒེར་གྱི་ལྷ་སའི་བདེ་ཐང་རྟགས་རིས་འབྲི་སྐབས།  ངེས་པར་དུ་ཉེན་ཁ་ཆེ་བའི་ཁུལ་དུ་སྡོད་སའི་ས་གནས་ཇི་མ་ཇི་བཞིན་འབྲི་དགོས་པ་མ་ཟད།  ཉིན7རིང་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དཔང་རྟགས་མཁོ་འདོན་བྱེད་དགོས།

2.འབབ་ཚུགས་གཉིས་དང་འབབ་ཐང་གཅིགགནམ་གྲུ་འབབ་ཐང་དང་། མེ་འཁོར་འབབ་ཚུགས། གྲོང་སྲུང་གཙང་པོའི་ཞིབ་བཤེར་ས་ཚིགསབཅས་སུ་ལུས་པོའི་དྲོད་ཚད་ལྟ་ཞིབ་ཚད་ལེན་+བདེ་ཐང་རྟགས་རིས་ཞིབ་དཔྱད་+ཐོབ་ཐང་ལག་ཁྱེར་དཔྱད་བཤེར+གནས་སྡོད་ལོ་རྒྱུས་འདྲི་རྩད་+ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དཔང་ཡིག་སོགས་ཀྱི་བྱ་ཐབས་མུ་མཐུད་དོན་འཁྱོལ་ནན་པོ་བྱས་ཏེ།  ཞིབ་བཤེར་བྱེད་དགོས་པའི་རིགས་ཚང་མ་ཞིབ་བཤེར་བྱས་ནས་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས།

3.སྡེ་ཁུལགྲོང་ཚོ་ཚོགས་ཆུངདང་།   ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱིས་ཉིན་རེའི་སྙན་ཞུ་དང་གཅིག་ཀྱང་ཐོན་མེད་པའི་སྙན་ཞུའི་ལམ་ལུགས་མུ་མཐུད་དོན་འཁྱོལ་བྱས་ཏེ།   ཕྱི་ནས་ཡོང་མཁན་ལྷག་པར་དུ་ཉེན་ཁ་ཆེ་འབྲིང་ཁུལ་ནས་ལྷ་སར་ཡོང་མཁན་ཐད་དྲ་མིག་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

4.འབྲེལ་ཡོད་ཆ་འཕྲིན་རྐང་བཙུགས་ནས་སྦ་གསང་བྱེད་མཁན་མི་སྒེར་ལ་རྩད་གཅོད་མཐའ་གསལ་བྱུང་ཚེ་ཁྲིམས་ལྟར་འབྲེལ་ཡོད་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ།

གྲོང་ཁྱེར་ལྷ་ས་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་།

2020ལོའི་ཟླ་6ཚེས་27ཉིན།

拉萨市应对疫情工作领导小组办公室关于区外来拉人员如实填报个人信息的公告

近日,内地个别省市连续发现多例新冠肺炎本土确诊病例,疫情防控形势依然复杂严峻。为进一步落实落细常态化疫情防控措施,及时堵塞防控工作漏洞,切实保障全市人民身体健康和生命安全,现就区外来拉人员如实填报个人信息事宜公告如下:

1.14日有中高风险地区旅居史人员从内地前往拉萨,在填报个人拉萨健康码时,应如实填写在中高风险地区居住地址,并提供近7日核酸检测证明。

2.“两站一场”(机场、火车站、护城河检查站)要继续严格落实“体温监测+健康码核验+身份证查验+旅居史询问+核酸检测证明”等措施,确保应查尽查、不落一人。

3.社区(村组)、企事业单位要继续落实“日报告”“零报告”制度,加大外来人员尤其是中、高风险地区来拉人员的网格化动态化管理。

4.对故意隐瞒相关信息的个人,一经查实将依法严肃追究相关责任。

拉萨市应对疫情工作领导小组办公室

2020627

责任编辑:刘其伟

【打印本文】【关闭】

扫一扫在手机打开当前页

扫一扫在手机打开当前页

点赞

收藏